Blog

བྱམས་ལྡན་ཨ་མ།།

དང་པོ་ཕྱི་ནས་ཡོང་དུས།།

ལ་མོ་རྒྱབས་ནས་ཡོང་ཡོད།།

བྱམས་ལྡན་དྲིན་ཅན་ཨ་མ།།

དབུ་སྐྲ་དཀར་པོ་འགྱུར་བཞག

དབུ་སྐྲ་གཡས་གཡོན་གཉིས་ནས།།

རྒས་པའི་མཛུམ་གདང་ཐོན་གི

དབུ་སྐྲ་གཡས་གཡོན་གཉིས་ནས།།

རྒས་པའི་མཛུམ་གདང་ཐོན་གི

ཕར་ལ་མིག་གཅིག་བལྟས་པས།།

ཚུར་ལ་སྤྱན་གྱིས་གཟིགས་བྱུང་།།

བརྩེ་བའི་ཕ་མའི་ཞལ་རས་མཐོང་དུས།།

མིག་ཆུ་ངང་དབང་མེད་པར་ཤོར་བྱུང་།།

བྱ་དེ་ཁྲུང་ཁྲུང་དཀར་པོ།།

གཤོགས་རྩེལ་ང་ལ་གཡོར་དང་།།

གཤོགས་རྩལ་ངོམ་བཞིན་ངོམ་བཞིན།།

ཐག་རིང་ཨུལ་སླེབས་སོང་།།

བྱ་དེ་ཁྲུང་ཁྲུང་དཀར་པོ།།

གངས་ལྗོངས་རྨི་ལམ

གངས་ལྗོངས་རྨི་ལམ

Snow-land Dream

གླུ་བ།ནོར་བུ་བཟང་གྲུབ།

By Norbu Sang drub

ཁ་བ་མར་མར་འབབ་པའི་ཡུལ་དེ་ལ།།

སེམས་བཟང་གངས་ལྟར་དཀར་བའི་སྐྱེ་བོ་ཚོ།།

རྩྭ་ཐང་སྟེང་ནས་ཁྱེད་ལ་བསྟོད་གླུ་ལེན།།

ནོར་ཕྱུགས་འཕེལ་བའི་བཀྲིས་སྨོན་འདུན་ཞུ།།

______________________________

ང་ནི་གངས་ཅན་བོད་པའི་གངས་ཕྱུག་ཡིན།།

མཛེས་པའི་བོད་ལྗོངས་ང་ཡི་ཕ་ཡུལ་ཡིན།།

གངས་རིའི་སྟེང་ནས་ཁྱེད་ལ་བསྟོད་གླུ་ལེན།།

ཆོས་ལྡན་ཞིང་ཁམས་སྐྱིད་པའི་ས་བླའི་ལྗོངས།།

------------------------------

སེམས་གཏིང་གི་ཕ་ཡུལ་བོད་ལྗོངས།།